དོན་ཁོ། འཇང་རྩེ་དོན་ཁོ། (སྨྱུག་མིང་ལ་གཉན)

༡༩༧༨ལོར་མདོ་སྨད་ཁྱུང་མཆུ་རྫོང་དུ་སྐྱེས། སི་ཁྲོན་རྔ་བ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་པ། ཡུམ་སྐད་རྩོམ་པ་པོ་དང་སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། བོད་ནང་དུ་རྩོམ་རིག་བྱ་དགའ་མང་པོ་ཐོབ་མྱོང། བརྩམས་ཆོས་<<རོ་ལངས>>པར་བསྐྲུན་བྱས་ཡོད།

འབྲུག་ལོ། (སྨྱུག་མིང་ལ་ཞོགས་ལྗང།)

ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མའི་དུས་དེབ་<<ཤར་དུང་རི>>འི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན། ༢༠༠༨ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཚན་དུ་རྩོམ་རིག་ཆེད་སྦྱོང་སློབ་མ་ཡིན་ལ། ༢༠༠༨ལོའི་ཟླ་༣ཚེས་༡༦ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན།

བཀྲ་ཤིས་རབ་བརྟན། (སྨྱུག་མིང་ལ་ཐེའུ་རང)

མདོ་སྨད་མཛོ་དགེ་རུ་སྐྱེས། ལོ་ཉེར་ལྔ་སྟེང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་གྱི་མཐར་ཕྱིན་སློབ་དུས་སྐབས་སུ་འཛིན་བཟུང་བྱས། ༢༠༠༨ལོའི་ཟླ་༣ཚེས་༡༦ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན།

ཀུན་མགོན་སྐྱབས།

མདོ་སྨད་རྔ་བ་རྫོང་དུ་སྐྱེས། ཁོང་གིས་རྔ་བ་འབར་ཁམས་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་གཉེར་བྱས། འབར་ཁམས་མི་རིགས་དགེ་ཐོན་སློབ་གླིང་གི་<<གནམ་ལྕགས་ཚགས་པར་ >>གསར་འཛུགས་ཚོགས་མི་དང། རྔ་བ་དགེ་ལྡན་དགོན་པའི་<<གེ་སར་མེ་ཏོག>>རྩོམ་སྒྲིག་པ་བཅས་ཡིན།

འབྲོག་རུ་ཚུལ་ཁྲིམས།

མདོ་སྨད་ཆབ་ཆ་ས་ཁུལ་དུ་༡༩༨༣ལོར་སྐྱེས། (དེང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་) མང་ར་ཀླུ་ཚང་དགོན་དང་དྷི་ཚ་དགོན་བཅས་ནས་སློབ་གཉེར་གནང། རྗེས་སུ་སི་ཁྲོན་རྔ་བ་སྒོ་མང་དགོན་དུ་སློབ་གཉེར་གནང། ༢༠༡༠ལོའི་ཟླ༥ཚེས་༢༤ཉིན། ཉེན་རྟོག་པས་སྒོ་མང་དགོན་དུ་འཇུ་བཟུང་བྱས། ཡུལ་ཤུལ་ས་ཡོམ་ཆེད་དུ་པར་སྐྲུན་བྱས་པའི་དཔེ་དེབ་དང་འབྲེལ་བའི་དོགས་གཞིའི་འོག ༢༠༡༡ལོའ

ཀུན་དགའ་ཚངས་དབྱངས། (སྨྱུག་མིང་ལ་གངས་ཉི)

མདོ་སྨད་མགོ་ལོག་ནས་ཡིན་ལ་རང་ལོ་༢༠ལྷག་ཡིན། བླ་བྲང་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང། མགོ་ལོག་གཉན་པོ་གཡུ་རྩེ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བརྙན་ལེན་པ་ཡིན་ལ་སྐྱེས་ཁམས་ཁོར་ཡུག་གི་འདྲ་པར་མང་པོ་བླངས་ཡོད།

དཀོན་མཆོག་ཚེ་འཕེལ།

རྒྱ་ནག་ནང་ཁུལ་དུ་བོད་ཀྱི་རྩོམ་རིག་དྲ་བ་སྟེ“མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”འི་རྩོམ་སྒྲིག་པ་དང་རྩོམ་པ་པོ། ༢༠༠༩ལོའི་ཟླ་༢ཚེས་༢༦ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རང་ཁྱིམ་ནས་འཛིན་བཟུང་བྱས། ༢༠༠༩ལོའི་ཟླ༡༡ནང། ས་གནས་སྲིད་གཞུང་ཁྲིམས་ཁང་གིས་ལོ་བཅོ་ལྔའི་དུས་བཅད་བཙོན་འཇུག་བྱས་འདུག

སྒྲོལ་མ་སྐྱབས།

༡༩༧༦ ལོར་མདོ་སྨད་ཨ་རིག་ས་ཁུལ་དུ་སྐྱེས། (དེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང) ཕ་མིང་མཁས་བཙུན་དང་མ་མིང་སྒྲོལ་མ། གཅེན་གཅུང་ལྔའི་ཁྲོད་ཀྱི་བཞི་བ་རེད། ༡༩༩༥ལོར་སློབ་འབྲིང་མཐར་ཕྱིན་ཏེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས། སློབ་མཐར་ཕྱིན་རྗེས་ཆི་ལེན་རྫོང་གི་སློབ་འབྲིང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར། རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་

བཀྲ་ཤིས་རབ་བརྟན། སྨྱུག་མིང་། ཐེའུ་རང་།

མདོ་སྨད་མཛོ་དགེ་རུ་སྐྱེས། ལོ་ཉེར་ལྔ་སྟེང་དུ་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་གྱི་མཐར་ཕྱིན་སློབ་དུས་སྐབས་སུ་འཛིན་བཟུང་བྱས། ༢༠༠༨ལོའི་ཟླ་༣ཚེས་༡༦ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན། ཁོང་ནི་བོད་ཡིག་དུས་དེབ་<<ཤར་དུང་རི>>འི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡིན།

སྒྲོལ་མ་སྐྱབས།

༡༩༧༦ ལོར་མདོ་སྨད་ཨ་རིག་ས་ཁུལ་དུ་སྐྱེས། (དེང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང) ཕ་མིང་མཁས་བཙུན་དང་མ་མིང་སྒྲོལ་མ། གཅེན་གཅུང་ལྔའི་ཁྲོད་ཀྱི་བཞི་བ་རེད། ༡༩༩༥ལོར་སློབ་འབྲིང་མཐར་ཕྱིན་ཏེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས། སློབ་མཐར་ཕྱིན་རྗེས་ཆི་ལེན་རྫོང་གི་སློབ་འབྲིང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར། རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་

བུད་ངྷ།

༡༩༧༩ལོར་མདོ་སྨད་རྔ་བ་རྫོང་དུ་སྐྱེས། ཁྲོང་ཆིན་སྨན་རྫས་སློབ་ཆེན་མཐར་ཕྱིན་རྗེས་རྔ་བ་བར་མ་ཞིང་འཕྲོད་བསྟེན་ཁང་དུ་བྱ་བ་སྒྲུབ། ཁོང་ཡུམ་སྐད་རྩོམ་པ་པོ་དང་<<དུས་རབས་ཀྱི་ང་>>ཞེས་པའི་བོད་ཡིག་དུས་དེབ་རྩོམ་སྒྲིག་པ་ཡིན།

བཀྲ་རྒྱལ། སྨྱུག་མིང་། ཞོགས་དུང་།

བཀྲ་ཤིས་རྒྱ་མཚོའམ་བཀྲ་རྒྱལ་ནི་བོད་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་གྲགས་ཅན་ཞིག་ཡིན། ཁོང་མཚོ་སྔོན་མི་རིགས་པར་སྐྲུན་ཁང་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཡིན་ལ། ཁོང་གིས་དཔྱོད་ཤེས་རྒྱང་འབོད་དང་། དོགས་སློང་སྙིང་སྟོབས། རིགས་ཤེས་ཀུན་གྲོལ། གནམ་ས་གོ་འབྱེད་སོགས་བརྩམས་པས་བོད་ཁམས་ཡོངས་ལ་་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལྷག་པར་༢༠༠༨ལོའི་བོད་ཁམས་ཡོངས་ཀྱི་ཞི་བའི་ངོ་རྒོལ་ལས