གཅོད་པ་ཀླུ་རྒྱལ།

མདོ་སྨད་ཡ་རྫི་རྫོང་ནས་སྐྱེས། ལྷོ་ནུབ་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་ནས་ཞིབ་འཇུག་མཐར་ཕྱིན། ད་ལྟ་ལོ་༣༠ལྷག་ཡིན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་རྩོམ་སྒྲིག་པ་ཡིན། ཁོང་གིས་པར་སྐྲུན་བྱས་པའི་བོད་ཡིག་དཔེ་དེབ་ཁག་བོད་ཁུལ་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་ལ་ཁོང་གིས་བོད་ཀྱི་སློབ་ཆེན་སློབ་མའི་དུས་དེབ་ <<ཤར་དུང་རི་>>སོགས་དཔེ་སྐྲུན་བྱས

བཀྲ་རྒྱལ། (དངོས་མིང་བཀྲ་ཤིས་རྒྱ་མཚོ། སྨྱུག་མིང་ཞོགས་དུང། )

བོད་ཀྱི་རྩོམ་པ་པོ་དང་དཔྱད་བརྗོད་པ་ཡིན། མཚོ་སྔོན་མི་རིགས་པར་སྐྲུན་ཁང་བོད་ཡིག་སྡེ་ཚན་གྱི་རྩོམ་སྒྲིག་པ་ཡིན་ལ་ཁོང་གིས་བོད་ཁམས་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད།

ཁྲི་བཙན།

མདོ་སྨད་མགོ་ལོག་དགའ་བདེ་རྫོང་东吉སྟེང་ཆེནདགོན་པའི་གྲྭ་བ་ཡིན། རང་ལོ་༢༦ མ་མིང་ལ་དཔལ་མོ་ཟེར་ཞིང་དགོན་པའི་ཉེ་འཁོར་ན་ཡོད། ཁྲི་བཙན་ནི་ ༢༠༡༢ལོའི་ཟླ༡ཚེས༨ཉིན། དར་ལག་རྫོང་དུ་རང་ལུས་མེར་སྲེག་གནང་མཁན་བཟོད་པ་རིན་པོ་ཆེའི་མངའ་ཁུངས་དགོན་པ་ཞིག་ནས་ཡིན།

འཇིགས་མེད། (མིང་གཞན་ལ་མགར་རྩེ་འཇིགས་མེད)

༡༩༧༦ ལོར་མདོ་སྨད་རེབ་གོང་མགར་རྩེ་རུ་སྐྱེས་ཤིང་ཆུང་དུས་ནས་མགར་རྩེ་དགོན་པར་གྲྭ་བ་བྱས། ༡༩༩༩ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་དུས་དེབ་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང། ༢༠༡༣ལོའི་ཟླ་༡ཚེས་༡ཉིན་དགོན་པར་འཛིན་བཟུང་བྱས་ཤིང་ཉེན་རྟོག་པས་ཁོང་གི་གློག་ཀླད་སོགས་གཞུང་བཞེས་བཏང་འདུག

ཚེ་རིང་ནོར་བུ།

ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་རི་སྐྱ་དགོན་པའི་གྲྭ་བ་ཡིན་ལ་དུས་ཚོད་༢༨རིང་བཀག་སྐྱིལ་བྱས་མྱོང། གཞན་ཡང་<<ཁྱོད་ཀྱིས་གདུག་རྩུབ་དང་དྲག་གནོན་བྱས་ན། ང་ལ་བྱམས་རྩེ་དང་བདེན་པ་ཡོད་>>ཅེས་པའི་དེབ་ཅིག་བརྩམས་པའི་རྐྱེན་གྱིས་ལྷ་ས་རུ་འཛིན་བཟུང་བྱས།

ཟླ་བ་རྡོ་རྗེ།

ཁམས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དུ་སྐྱེས་པའི་རྩོམ་པ་པོ་ཞིག་ཡིན། ཁོང་གིས་བོད་ཁུལ་དུ་ཟུར་ཟའི་རྩོམ་ཡིག་མང་པོ་སྤེལ་མྱོང་ལ་འབྲི་རུ་ཤེས་ཡོན་དུས་དེབ་<<ལམ>>ཞེས་པའི་རྩོམ་སྒྲིག་པ་ཡིན་འདུག ཁོང་བོད་ལྗོངས་སློབ་ཆེན་བོད་རིག་པའི་སྡེ་ཚན་དུ་སློབ་མཐར་ཕྱིན་རྗེས་ནག་ཆུ་ས་ཁུལ་གྱི་གཉན་རོང་རྫོང་ཞིབ་དཔྱོད་ཁང་དུ་བྱ་བ་གཉེར། ༢༠༡༢ལོའི་ཟླ་༢ཚེས་༣ཉིན་འཛིན་བཟུང་བྱས་པ་ནས་གན

འཇིགས་མེད།

འཇིགས་མེད། ཆོས་མིང་འཇིགས་མེད་རྒྱ་མཚོ། མིང་གཞན་འཇིགས་མེད་མགོ་རིལ། ༡༩༦༦ ལོར་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒྱོའོ་རྒྱ་ཞང་དུ་སྐྱེས། རང་ལོ་༡༣སྟེང་ནས་བླ་བྲང་དགོན་པར་རབ་ཏུ་བྱུང། བླ་བྲང་དགོན་པའི་དོན་དམ་ཁང་གི་འགན་འཛིན་གཞོན་པ་འགན་ཁུར་མྱོང།

གངས་སྐྱེས་གྲགས་པ་སྐྱབས། (སྨྱུག་མིང་ལ་གངས་མེ་སྟག)

ཁམས་གསེར་རྟ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཕ་མིང་ལ་ཐུབ་བསྟན་ཉི་མ་དང་མ་མིང་ལ་དབང་གྲགས་སྒྲོལ་མ། གཅེན་གཅུང་དགུའི་ཁྲོད་ཀྱི་ལྔ་བ་ཡིན་ལ། ཁོང་གི་ཆུང་མའི་མིང་ལ་དབང་ཕྱུག་ལྷ་མོ་ཟེར་ཞིང་ལོ་བརྒྱད་ཅན་གྱི་བུ་མོ་ཞིག་དང་ལོ་ལྔ་ཅན་གྱི་བུ་ཞིག་ཡོད།

སྐལ་བཟང་ཚུལ་ཁྲིམས། (སྨྱུག་མིང་ལ་སྒྱིས་ཚང་སྟག་མིག)

མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་སྐྱེས། ༢༠༡༡ལོའི་ཟླ་༡༢ཚེས༣༠ཉིན། ལོ་བཞིའི་དུས་བཅད་བཙོན་འཇུག་བྱས། བརྩམས་ཆོས་གྲགས་ཅན་<<མི་ཡུལ་ལ་ཕུལ་བའི་སེམས་པ>> དང་ <<བོད་ལ་རང་དབང་མེད་པའི་སྙན་ཞུ>>ཞེས་པ་གསར་རྩོམ་བྱས།

པདྨ་རིན་ཆེན། (སྨྱུག་མིང་ལ་རྡོ་ལྷ)

སི་ཁྲོན་དཀར་མཛེས་བྲག་མགོ་རྫོང་དུ་སྐྱེས། རང་ལོ་༢༥སྟེང་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ་༧ཚེས་༥ཉིན། བྲག་མགོ་རྫོང་ཉེན་རྟོག་པས་འཇུ་བཟུང་བྱས་ཤིང་ཕལ་ཆེར་དུག་ཕོག་པའི་དབང་གིས་ཉིན་གཉིས་པར་བྲག་མགོ་རྫོང་སྨན་ཁང་ནས་མྱུར་སྐྱོབ་བྱས་འདུག

སྐལ་བཟང་སྦྱིན་པ། (སྨྱུག་མིང་ལ་མགར་མི)

༡༩༧༧ལོར་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་སྐྱེས། ཁོང་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ནང་ཆོས་སློབ་གཉེར་བྱས། རྗེས་སུ་ཕྱིར་བོད་ནང་དུ་འབྱོར་ཏེ་རྔ་བ་རྫོང་མཁར་དུ་གཞིས་ཆགས། <<གངས་རྒྱན་མེ་ཏོག>>སྟེང་དུ་སྙན་ངག་མང་པོ་སྤེལ་བ་དང། <<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་རྩོམ་སྒྲིག་པའི་ལས་ཀ་གཉེར།

བུད་དྷ། (སྨྱུག་མིང་ལ་སྤྲང་བོ་བུད་དྷ)

༡༩༧༩ལོར་མདོ་སྨད་རྔ་བ་རྫོང་དུ་སྐྱེས། ཁྲོང་ཆིན་སྨན་རྫས་སློབ་ཆེན་མཐར་ཕྱིན་རྗེས་རྔ་བ་བར་མ་ཞིང་འཕྲོད་བསྟེན་ཁང་དུ་བྱ་བ་སྒྲུབ། ཁོང་ཡུམ་སྐད་རྩོམ་པ་པོ་དང་<<དུས་རབས་ཀྱི་ང་>>ཞེས་པའི་བོད་ཡིག་དུས་དེབ་རྩོམ་སྒྲིག་པ་ཡིན། ༢༠༡༠ལོའི་ཟླ༦ཚེས༢༡ཉིན། བར་མ་ཞིང་འཕྲོད་བསྟེན་ཁང་དུ་རྔ་བ་ཁུལ་ཉེན་རྟོག་པས་ “རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་”འཛིན་བཟུང་