ཨ་སྟག

ཁམས་ལི་ཐང་གི་དམངས་ཁྲོད་སྒྲུང་བ་སྒྱུ་རྩལ་པ་ཡིན། ༢༠༡༢ ལོའི་ཟླ ༢པར་འཛིན་བཟུང་བྱས། ༢༠༡༢ལོའི་ཟླ༤ཚེས་༢༩ཉིན། ལི་ཐང་རྫོང་མི་དམངས་ཁྲིམས་ཁང་ནས་ཁྱིམ་མི་ལ་བརྡ་སྦྱོར་སྤེལ་དོན། ཨ་སྟག་གིས་མདེའུའི་སྨན་རྫས་གསོག་ཉར་བྱས་པའི་ཉེས་མིང་འོག་ལོ་གསུམ་རིང་དུས་བཅད་བཙོན་འཇུག་བྱས་པར་བསྒྲགས། ཁྱིམ་མིས་དེ་ནི་ཉེས་འགལ་ཁོ་ན་ཡིན་ཏེ། དོན་དངོས་སུ་ཁོས་གླུ་གཞས་འཁོར་ཐག་དང་འོད་སྡེར་བཅས་ནས་ག

ཆོས་མགོན།

ཆབ་མདོ་འཇོ་མདའ་རྫོང་གི་གཞས་པ། ༢༠༡༡ལོའི་ཟླ ༡༠ཚེས་ ༢༥ཉིན་འཛིན་བཟུང་བྱས་པ་ནས་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་བྱུང།

འཇིགས་མེད་རྒྱ་མཚོ། (མིང་གཞན་མགོ་ལོག་འཇིགས་མེད )

སི་ཁྲོན་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་སྐྱེས། ཀན་སུའུ་བསང་ཆུ་རྫོང་བླ་བྲང་དགོན་པའི་གྲྭ་བ། རང་ལོ་༤༤ཡིན། ཁོང་གིས་དོན་གྲུབ་དབང་ཆེན་དང་མཉམ་དུ་<<འཇིགས་བྲལ་>>ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པའི་རྐྱེན་གྱིས་༢༠༠༨དང་༢༠༠༩ལོར་ཐེངས་གཉིས་བཙོན་འཇུག་བྱས། འདི་ནི་བོད་ཁུལ་གྱི་དངོས་ཡོད་འཚོ་བ་རྒྱུས་ལོན་ར་སྤྲོད་བྱས་པའི་བརྙན་ཕབ་ཐོག་མ་ཡིན་ལ།

དོན་གྲུབ་དབང་ཆེན།

༡༩༧༤ལོར་མདོ་སྨད་མཚོ་སྔོན་དཔའ་ལུང་དུ་སྐྱེས། གཉེན་སྒྲིག་བྱས་ཟིན། བུ་ཕྲུག་གསུམ་ཡོད། ན་གཞོན་དུས་སུ་ལྷ་སར་བསྡད། ༡༩༩༣ལོར་རྒྱ་གར་དུ་གནས་མཇལ་ལ་འབྱོར། རྗེས་སུ་ཕྱིར་བོད་དུ་སོང། ༢༠༠༧ ལོར་བླ་བྲང་འཇིགས་མེད་རྒྱ་མཚོ་ (མགོ་ལོག་འཇིགས་མེད)དང་མཉམ་དུ་<<འཇིགས་བྲལ>>(Leaving Fear Behind )ཞེས་པའི་འཁོར་ཐག་བརྙན་ཕབ་བྱས། བརྙན་ཕབ་དེར་བོད་ཀྱི་ལོ་ན་རྒན་གཞོན་དང་ས་གནས་

རྟ་མགྲིན་རྒྱལ།

མདོ་སྨད་རྔ་བ་རྫོང་དུ་སྐྱེས།  ནུབ་བྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་མཐར་ཕྱིན། རྔ་བ་ཁུལ་མི་རིགས་མཐོ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༠ལོའི་ཟླ ༣ཚེས ༡༨ཉིན་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་ཁྲིམས་ཆད་བཅད།

རྡོ་རྗེ་ཚེ་རིང། (མིང་གཞན་ལ་རྡོར་ལོ)

མདོ་སྨད་མཚོ་སྔོན་ཡ་རྫི་རྫོང་ཀ་རིང་སྡེ་བར་སྐྱེས། ༢༠༠༩ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་མཐར་ཕྱིན། རྗེས་སུ་རྔ་བ་ཁུལ་མི་རིགས་མཐོ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༠ལོའི་ཟླ༣ཚེས ༡༨ཉིན་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ ༥བར་སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ལོ་གཅིག་དང་ཟླ་བརྒྱད་ཀྱི་ཁྲིམས་ཆད་བཅད་འདུག

བསོད་ནམས།

མདོ་སྨད་རྔ་བ་མཛོ་དགེ་རྫོང་དུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཁག་གི་རྩོམ་རིག་ཆེད་སྦྱོང་མཐར་ཕྱིན། རྩོམ་པ་པོ་དང་ཡིག་བསྒྱུར་བ་ཡིན། རྔ་བ་ཁུལ་མི་རིགས་མཐོ་འབྲིང་གི་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། ༢༠༡༠ལོའི་ཟླ ༣ཚེས་༡༨ཉིན་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ ༥བར་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཉིས་རིང་ཁྲིམས་ཆད་བཅད་འདུག

དགེ་འདུན་སྐྱབས།

མདོ་སྨད་རྔ་བ་མཛོ་དགེ་རྫོང་དུ་སྐྱེས། ༢༠༠༨ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་རྩོམ་རིག་ཆེད་སྦྱོང་མཐར་ཕྱིན། <<ཤར་དུང་རི་>>(༢༠༠༦__2008) རྩོམ་སྒྲིག་པ་དང་བོད་ཀྱི་ན་གཞོན་རྩོམ་པ་པོ།

སྟག་དམར།

མདོ་སྨད་རྔ་བ་རྫོང་དུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་དང་རྔ་བ་མི་རིགས་མཐོ་འབྲིང་གི་དགེ་རྒན་ཡིན། ༢༠༡༠ལོའིི་ཟླ་༣ཚེས༡༨ཉིན་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ་༦པར་སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཅིག་དང་ཟླ་བརྒྱད་ཀྱི་ཁྲིམས་ཆད་བཅད་འདུག (ཁོང་གི་འདྲ་པར་མ་རྙེད།)

ཆོས་འཕེལ།

མདོ་སྨད་རྔ་བ་ཁུལ་མཛོ་དགེ་རྫོང་དུ་སྐྱེས། རྩོམ་པ་པོ། ༡༩༩༧ལོར་ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སྡེ་ཚན་གྱི་རྩོམ་རིག་ཆེད་སྦྱོང་སློབ་མཐར་ཕྱིན། ༢༠༠༩ལོར་འབར་ཁམས་མི་རིགས་མཐོ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར། ༢༠༡༠ལོའི་ཟླ་༣ཚེས་༡༨ཉིན་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ་༦པར་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཉིས་རིང་དུས་བཅད་ཁྲིམས་ཆད་བཅད་འདུག

ཟླ་བ།

མདོ་སྨད་རྔ་བ་རུ་སྐྱེས། རྔ་བ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དང་བོད་ཡིག་དུས་དེབ་<<དུས་རབས་ཀྱི་ང་>>ཞེས་པའི་རྩོམ་སྒྲིག་པ་རྩོམ་པ་པོ་ཡིན། ཟླ་བ་༢༠༠༨ལོའི་ཟླ་༣ཚེས་༡༦ཉིན་འཇུ་བཟུང་བྱས་མྱོང། དེ་ནི་མེར་སྲེག་ལས་འགུལ་སྣེ་ཁྲིད་པའི་ཁྲོད་དུ་ཡོད་པར་ངོས་འཛིན་བྱས་ཡོད་འདུག

འོད་ཟེར། (དངོས་མིང་ལ་ཚེ་རིང་འོད་ཟེར་)

རིག་གནས་གསར་བརྗེ་ཁྲོད་ཀྱི་ལྷ་ས་ནས་སྐྱེས། དེང་སྐབས་བོད་ལྗོངས་ཤར་ཕྱོགས་ཁམས་ཡུལ་དང་རྒྱ་ནག་ནང་ལོག་ན་འཚོ་རོལ་བཞིན་ཡོད། ལོ་༢༠རིང་སློབ་གཉེར་བྱས། ༡༩༨༨ལོར་ལྷོ་ནུབ་མི་རིགས་སློབ་ཆེན་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་དཀར་མཛེས་ཚགས་པར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པའི་བྱ་བ་གཉེར།