ཨ་རིའི་ནེའུ་ཡོག་ནས་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩི། 2021

ཕྱི་ལོ་ ༢༠༢༡ལོའི་ཟླ་༡༡ཚེས་༡༥རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོར། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཨ་རིའི་བོད་ཁང་གིས་གོ་སྒྲིག་བྱས་ཏེ། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ (PEN International) ཀྱི་ཚོགས་གཙོ་ Jennifer Clement དང་འཛིན་སྐྱོང་འགན་འཛིན་ Carles Tornerརྣམ་གཉིས་ཆེད་ཕེབས་ཐོག གདན་ཞུས་གཏམ་བཤད་པ་བོད་ཀྱི་ནང་དོན་རིག་པ་ཆེད་མཁས་པ་གྲགས་ཅན་འབུམ་རམས་པ་ཆེན་མོ་ Robert hurmanམཆོག་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་མགོ་ལོག་ལྕགས་མོ་ལགས་གཉིས་དྲ་ཐོག་ནས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་།

གཞན་ཡང་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ennifer Clementདང་། འཛིན་སྐྱོང་འགན་འཛིན་Carles Torner རྣམ་པ་གཉིས་ཀྱིས་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་དང་འབྲེལ་བའི་དཔེ་དེབ་<ལོ་བརྒྱའི་རིང་གི་རང་དབང་སྲུང་སྐྱོབ་>PEN’s Centenary Bookདབུ་འབྱེད་དང་ངོ་སྤྲོད་བྱས་ཤིང་། (དཔེ་དེབ་འདི་ལ་རྒྱལ་སྤྱིའི་དཔྱད་འདེམས་ཚོགས་ཁག་གིས་the Motovun Group of International Publishers.དཔྱད་འདེམས་བྱས་ཏེ་ the Kiran and Pramod Kappor Prize ཞེས་ལོ་འཁོར་འདིའི་དཔེ་དེབ་ཡག་ཤོས་ལ་འདེམས་ཐོན་བྱུང་ཡོད་འདུག )བོད་ཀྱི་སྐད་ཡིག་གི་རང་དབང་སྲུང་སྐྱོབ་དང་དེའི་རིན་ཐང་གི་ལྟ་བ། རྩོམ་འབྲིའི་རང་དབང་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་།

དམིགས་བསལ་བོད་ནང་གི་བཙོན་འོག་རྩོམ་པ་པོ་ངྷི་ལྷ་ལྡན་ལགས་ལ་ཆེད་དམིགས་ཀྱི་ཞབས་སྟེགས་བཞག་སྟེ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཕྱི་བཞུགས་རྒྱུན་ལས་ཨ་རིག་འགྱུར་མེད་ལགས་ཀྱིས་ཁོང་བཙོན་དུ་ཚུད་པའི་བརྒྱུད་རིམ་ངོ་སྤྲོད་གནང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་བ་སྤྱི་ཟུར་རྨོག་རུ་བསྟན་པ་ལགས་དང། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་ཟུར་བ་གཡུ་སྒང་འོད་ཟེར། ཤེས་ལྡན་པ་རྔ་བ་བློ་གྲགས་སོགས་དངོས་སུ་མཉམ་ཞུགས་གནང་ཡོད། 

Leave a Reply