ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།

ནང་དོན་གནད་བསྡུས།

《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་འདིར་སྤྲོས་བརྗོད་རིག་པ་དང་། ཚིག་རྒྱན་རིག་པ། གཤིབ་བསྡུར་རྩོམ་རིག་རིག་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ་བཏང་ཡོད་དེ། དཔྱད་པའི་གོ་རིམ་ཁྲོད། ཐོག་མར་རྩོམ་པ་པོ་འཚར་ལོངས་བྱུང་སའི་ཁོར་ཡུག་དང་ཁོའི་བསམ་བློའི་གནས་སྟངས། གསར་རྩོམ་གྱི་འཕེལ་རིམ་བཅས་ལ་དཔྱད་པ་བཏང་ཡོད་པ་དང་། དེ་ནས་རྩོམ་མཁན་གྱི་ལངས་ཕྱོགས་རིགས་བཞིར་བགོས་ཏེ་དེ་དག་གི་ཁྱད་ཆོས་དང་སྒྲུང་གཏམ་ཁྲོད་ཀྱི་གནས་སྟངས་བཅས་ལ་དཔྱད་པ་བཏང་ཡོད། དེའི་རྗེས་སུ་རྩོམ་ཆོས་ཞིབ་ཏུ་བཀླགས་པ་བརྒྱུད་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཁྲོད་ཀྱི་སྤྲོས་བརྗོད་སྐད་ཆ་དང་། བྱུང་རིམ་བཀོད་སྒྲིག མི་སྣ་བཞེངས་སྐྲུན། ཡུལ་དུས་ཀྱི་སྒྲིག་གཞི་ལ་སོགས་པའི་ཁྱད་ཆོས་ལ་རེ་རེ་བཞིན་དབྱེ་ཞིབ་བྱས་ཡོད། མཐའ་མར་ཆི་ཁུ་ཧྥུ་ཡི་སྒྲུང་གཏམ་དང་བསྡུར་བ་དང་། 《མེས་པོ》དང《ལོ་བརྒྱའི་ཁེར་ཧྲེང》གཉིས་ཀྱི་བསྡུར་བ། སྒྲུང་གཏམ་ཁྲོད་ཀྱི“དེང་རབས”ཁྱད་ཆོས་ལ་དཔྱད་པ་བཅས་ཕྱོགས་གསུམ་གྱི་སྒོ་ནས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་དང་ནུབ་གླིང་རྩོམ་བར་གྱི་འབྲེལ་བའི་ཐད་ཅུང་གླེང་ཡོད་དོ། །

Leave a Reply