འཇིགས་མེད།

འཇིགས་མེད། ཆོས་མིང་འཇིགས་མེད་རྒྱ་མཚོ། མིང་གཞན་འཇིགས་མེད་མགོ་རིལ།

༡༩༦༦ ལོར་མདོ་སྨད་བླ་བྲང་བསང་ཆུ་རྫོང་རྒྱོའོ་རྒྱ་ཞང་དུ་སྐྱེས། རང་ལོ་༡༣སྟེང་ནས་བླ་བྲང་དགོན་པར་རབ་ཏུ་བྱུང། བླ་བྲང་དགོན་པའི་དོན་དམ་ཁང་གི་འགན་འཛིན་གཞོན་པ་འགན་ཁུར་མྱོང།
༢༠༠༦ལོ་ནས་༢༠༡༡ལོའི་བར་ལོ་ལྔའི་རིང་ཐེངས་བཞི་ལ་འཇུ་བཟུང་བྱས། ཐེངས་བཞི་བའི་སྐབས་སུ་༢༠༡༡ལོའི་ཟླ་༨ཚེས༢༠ཉིན། ཐེངས་བཞི་བར་འཇུ་བཟུང་བྱས་པའི་ཉིན་གཉིས་པར་ཁོང་གི་གྲྭ་ཤག་ཏུ་སྔོག་བཤེར་བྱས་ཏེ། ཁོང་གི་གློག་ཀླད་དང་ཡིག་ཆ། གོང་ས་ཏཱ་ལའི་བླ་མའི་སྐུ་འདྲ་སོགས་གཞུང་བཞེས་བྱས་འདུག

གཞུང་ཕྱོགས་ནས་བརྗོད་གསལ་ལ་ཁོང་གིས་༢༠༠༨ལོར་བོད་མི་དྲག་གནོན་བྱས་པའི་གནས་ཚུལ་སོགས་བརྙན་ཕབ་བྱས་ཏེ་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱས་པས་འཛིན་བཟུང་བྱས་པར་བརྗོད་འདུག
སྐབས་དེར་ཁོང་གིས་གསང་བའི་བརྙན་ཕབ་བྱས་པའི་ཁྲོད། མི་ཞིག་ལ་དུས་ཡུན་སྐར་མ་༢༠རིང་བརྙན་ཕབ་བྱས་ཡོད་པ་མ་ཟད། མི་དང་མིང་སྐད་གདངས་སོགས་མངོན་སུམ་དུ་བརྙན་ལེན་བྱས་ཏེ་༢༠༠༨ལོའི་ཟླ་༣སྐབས་ཀྱི་བོད་མིའི་གནས་སྟངས་དངོས་ལ་བདེན་དཔང་གསལ་བོ་བཟོས་ཡོད་ལ། བོད་ཀྱི་གྲྭ་རྐྱང་དཀྱིས་མ་ཞིག་གི་རེ་འདུན་མཚོན་པར་བྱས་ཡོད། བརྙན་ཕབ་དེ་ལ་ཨ་རིའི་བོད་སྐད་རླུང་འཕྲིན་ལས་རིམ་གྱི་ “ཀུན་གླེང་”ལེ་ཚན་ནས་རྒྱང་བསྒྲགས་བྱས་པས་ཀུན་ལ་ཁྱབ་ཡོད།

གོ་ཐོས་སུ་ཁོང་ལ་༢༠༡༢ལོར་གསང་བའི་འདྲི་གཅོད་བྱས་པར་བཤད་ཀྱང། འོན་ཀྱང་དུས་བཅད་བཙོན་འཇུག་གི་ཡུན་དང་བཙོན་ཁང་སོགས་ཅི་ཡང་ཤེས་རྟོགས་མ་བྱུང། ད་ལོའི་དབྱར་ཁ་ཁོས་བརྩམས་པའི་དེབ་ཅིག་པར་བསྐྲུན་བྱས་འདུག

Leave a Reply