ཚེ་རིང་འོད་ཟེར།

ཁོང་མོའི་མིང་ཆ་ཚང་ནི་ཚེ་རིང་འོད་ཟེར་ཡིན་ ཞིང། ཕྱི་ལོ་༡༩༦༦ལོར་རིགནས་གསར་བརྗེའི་སྐབས་སུ་ལྷ་སར་འཁྲུངས། ཕ་ལགས་ནི་བོད་ཁམས་ཤར་ཕྱོགས་སྡེ་དགེ་ནས་ཡིན་ཞིང། ཨ་མ་ལགས་ནི་གཞིས་ཁ་རྩེ་ནས་རེད།་ཕྱི་ལོ་༡༩༨༨ལོར་ནུབ་བྱང་མི་རིགས་སློབ་ཆེན་ རྒྱ་ཡིག་སྡེ་ཚན་ནས་ཐོན།

ཕྱི་ ལོ་༡༩༨༨ཟླ་༧ནས་༡༩༩༠ཟླ་༣བར་ད་ལྟའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ ཀྲིག་ཟེར་བའི་དཀར་མཛེས་ཚགས་ཤོག་ཅེས་པའི་རྩོམ་སྒྲིག་པ་དང་གསར་འགོད་པ་གཅིག་ ཅོག་གནང། ཕྱི་ལོ་༡༩༩༠ལོ་ནས་༢༠༠༤ཟླ་༦བར་ལྷ་སའི་བོད་ལྗོངས་རྩོམ་རིག་ཅེས་པའི་དུས་དེབ་ ཀྱི་རྩོམ་སྒྲིག་གི་ཕྱག་ལས་གཉེར། ༢༠༠༣ལོར་རྒྱ་ནགཞུང་གིས་ཁོང་མོའི་བོད་ཀྱི་ཟིན་ཐོ་ཞེས་པའི་རྩོམ་ཡིག་ཕྱོགས་ དེབ་ཀྱི་ནང་དོན་དུ་ཆབ་སྲིད་ལྟ་ཕྱོགས་ནོར་འཕྲུལ་ཡོད་རྐྱེན་དུ་བསྙད་དེ་དཔེ་དེབ་ཕྱི་བསྡུ་བྱས། དེ་རྗེས་གཞུང་གི་ལས་དོན་ནས་ཕྱི་ཕུད་བཏང། ད་ལྟའི་ཆར་རྒྱ་ཡིག་གི་ཐོག་ནས་རྩོམ་འབྲི་གནང་མཁན་ནམ་རང་དབང་གི་རྩོམ་པ་པོའི་ མིང་ཐོག་ནས་གནས་མུས་ཡིན།

ཁོང་མོའི་བརྩམས་དེབ་ནི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་༡༩༩༩ལོར་དཔར་པའི་སྙན་ངག་ཕྱོགས་ བསྒྲིགས་གོང་ན་མེད་པའི་བོད་ཅེས་དང། རྒྱ་ནག་ཧཱ་ཁྲིང་དཔར་ཁང་ནས་ཕྱི་ལོ་༢༠༠༣ལོར་དཔར་བའི་འབོལ་རྩོམ་ཕྱོགས་དེབ་བོད་ ཀྱི་ཟིན་ཐོ།་དེབ་འདི་རྒྱ་གཞུང་ནས་བཀག་སྡོམ་ཟིན། ཐའེ་ཝན་ཧྲི་དབྱིང་དཔར་ཁང་ནས་ཕྱི་ལོ་༢༠༠༣ལོར་དཔར་བའི་བོད། ངུར་སྨིག་གི་ས་ཁྲ་ཞེས་པའི་ཡུལ་བསྐོར་ཟིན་བྲིས།་དཔར་རིས་དང་རྩོམ་ཡིག་ཕྱོགས་ དེབ། ངུར་སྨིག་གི་ས་ཁྲ་ཞེས་པ་དེ་ནི་རྒྱ་ནག་ཡུལ་བསྐོར་སྤྲོ་འཆམ་སྡེ་ཚན་དཔར་ཁང་ནས་ ༢༠༠༤ལོར་དཔར།་དེའང་རྒྱ་གཞུང་གིས་བཀག་ཟིན།

ཕྱི་ལོ་༢༠༠༦ལོར་ཐའེ་ཝན་ཏ་ཁུའེ་རིགཞུང་དཔར་ཁང་ནས་བོད་དུ་རིགསར་སྐབས་སུ་ རིན་ཐང་ཅན་གྱི་དཔར་རིས་འདུས་པའི་རྩོམ་དེབ་བསད་བཏུབ་ཅེས་པའི་ནང་བོད་དུ་ རིགསར་སྐབས་སུ་ངག་བརྗོད་ལོ་རྒྱུས་ཁག་འདུས་པའི་བོད་ཀྱི་དྲན་ཤེས་ཅེས་པའི་ངག་ ཐོ་ཟིན་བྲིས་ཁག་འདུས་ཡོད། ད་དུང་རྒྱ་ནགཞུང་གིས་བཀག་བསྡོམས་ཚར་བའི་བོད་ཀྱི་ཟིན་ཐོ་ཞེས་པའི་དེབ་དེ་ཕྱི་ ཕྱོགས་ནས་བོད་ཅེས་པའི་སྙན་ངག་ཅེས་པའི་མིང་བྱང་བསྒྱུར་ནས་དཔར་སྐྲུན་བྱས་ཡོད། ཕྱི་ལོ་༢༠༠༥ལོར་སུ་སི་རྒྱལ་ཁབ་ཀྱི་དཔར་ཁང་གཅིག་གིས་ཁོང་མོའི་དབྱིན་ཡིག་ཐོག་ ཁོང་མོ་དང་བཟའ་ཟླ་ཝང་ལིའི་ཞོན་གཉིས་ཀྱི་རྩིམ་ཡིག་ཕྱོགས་དེབ་《Unlocking Tibet》ཅེས་པ་དེ་དཔར་སྐྲུན་བྱས།་གཞན་ཡང་འབོལ་རྩོམ་སོགས་དེབ་གྲངས་༡༠ལྷག་ཡོད་ པ་དེ་ཚོ་རྒྱ་ནག་དཔར་སྐྲུན་ཁག་མང་ནས་དཔར་ཟིན་པ་དང་དེ་དག་ལ་རྩོམ་འབྲིའི་སྐོར་ གྱི་གཟེངས་རྟགས་ཀྱང་ཐེངས་མང་ཐོབ་ཡོད་པ་མ་ཟད། དབྱིན་ཡིག་དང་ཧྥ་རན་སི།་ཇ་པན་ཡིག་རིགས་གསུམ་དུ་བསྒྱུར་ཡོད། དེ་མིན་སྙན་རྩོམ་ཁག་ཅིག་བོད་བསྒྱུར་བྱས་ཡོད། ཕྱི་ལོ་༢༠༠༦ལོར་བོད་ཅེས་པའི་སྙན་རྩོམ་ཞེས་པ་དེ་ཕྱི་གྱར་བོད་མི་གསུམ་གྱིས་ བསྒྱུར་ཡོད་པ་དང། དེའི་ནང་ནས་བསད་བཏུབ་ཅེས་པའི་དེབ་ནང་བོད་རིགསར་སྐབས་ཀྱི་རིན་ཐང་ལྡན་པའི་ དཔར་རིས་ཁག་༣༠༠འདུས་ཅིང། ད་བར་བོད་ནང་གི་རིག་གནས་གསར་རྗེའི་སྐོར་གྱི་འཐུས་ཚང་ཤོས་ཀྱི་དཔར་ཚོགས་དེ་ ཡིན།་འདི་ནི་ཨེ་ཤའེ་ཡའི་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྒྲོལ་དཀར་ལགས་ནས་བོད་བསྒྱུར་དེབ་མིང་ལ་གསར་བརྗེ་ཞེས་པའི་མིང་བཏགས་ནས་དཔར་འགྲེམས་བྱས་ཡོད་པ་ རེད།

བོད་ཀྱི་ཟིན་ཐོ་དང།་དཔར་རིས་ཕྱོགས་དེབ་བསད་བཏུབ་བམ་གསར་རྗེ་ནི་སྟོད་སྨད་ཀྱི་ཚོད་དུ་ཡོད་ལ། དེའི་ནང་རྒན་རབས་མི་གྲངས་༧༠ལྷག་ལ་བཅར་འདྲི་བྱས་པའི་ནང་དོན་དངོས་མཚོན་ཐུབ་ པའི་འཐུས་ཚབ་ལྟར་གྱི་རྒས་རབས་མི་༢༣གྱི་ངག་རྒྱུན་ལོ་རྒྱུས་འདུས་ཡོད་པ་ནི་ད་ བར་རིགནས་གསར་བརྗེ་བོད་དུ་ཚུགས་སྐབས་ཀྱི་གནས་ཚུལ་འཐུས་ཚང་བའི་ཆེད་བསྒྲིགས་ ཀྱི་ལོ་རྒྱུས་དེབ་གལ་འགངས་ཆེ་བ་ཞིག་གྱུར་ཡོད་པ་རེད།

ཁོང་མོའི་རྩོམ་འབྲིའི་འདུ་ཤེས་ནི་རྩོམ་འབྲི་ནི་བསྐོར་སྤྱོད་བྱས་པའི་ རྒྱུད་རིམ་ཡིན་ཞིང། རྩོམ་འབྲི་ནི་སེམས་ཀྱི་སྨོན་འདེབས་ཡིན།་རྩོམ་འབྲི་ནི་ལོ་རྒྱུས་ལ་དཔང་རྟགས་འཇོག་པའང་རེད་ཅེས་པ་དེ་ཡིན་ནོ།

Leave a Reply