བདེ་སྐྱིད་སྒྲོལ་མ།

བདེ་སྐྱིད་སྒྲོལ་མ་ལགས་ནི ། ༡༩༦༧ལོའི་ཟླ་དྲུག་པར་མཚོ་སྔོན་རྨ་ལྷོ་རྫོང་དུ་སྐྱེས།༡༩༩༠ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་མཐར་ཕྱིན་རྗེས་ཕ་ཡུལ་ནས་སྲིད་འཛིན་ གྱི་ལས་ཀ་གཉེར།

བརྩམས་ཆོས་ལ། ལས་ཞོར་དུ་འཛམ་གླིང་མཛེས་པའི་རྒྱན་གཅིག་ཅེས་པ་དང་། སེམས་གཅོང་། ཤ་ལྷོད་པའི་ཁ་བརྡ། ལོ་ཐོ་བརྩེ་བའི་ཞགས་ཐག ཟླ་ཐོ་ཆུ་མོ་དགུ་མདུད། བུ་བཅོལ། ཨ་མའི་གླེན་རྟགས་ཞེས་པ་སོགས་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་མང་པོ་གངས་རྒྱན་ མེ་ཏོག་དང་། སྦྲང་ཆར་གཙོ་བྱས་པའི་གཞུང་སྒེར་གྱི་དུས་དེབ་སྣ་ཚོགས་སྟེང་དུ་སྤེལ་མྱོང༌། ༢༠༠༢ལོར་སྙན་དེབ་ཐོག་མ་སྙན་ངག་གི་མིག་ཆུ་ཞེས་པ་པར་སྐྲུན་བྱས་ཤིང་། སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་འང་ཐོབ་མྱོང་། ༢༠༠༨ལོར་ལྷུག་རྩོམ་གྱི་དེབ ཆར་ཟམ་ཟིམ། སྨུག་ལང་ལོང་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན །