Read More

དགུ་འགྲུབ།

ཁམས་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་དུ་སྐྱེས། རང་ལོ༤༣ཡིན། དྲ་སྟེང་རྩོམ་པ་པོ། སྨྱུག་མིང་ལ་ “གངས་ལྗོངས་གཞོན་ནུ། ” ༢༠༡༢ལོའི་ཟླ་༡༠ཚེས ༤ཉིན། དགུ་འགྲུབ་ཀྱིས་ནག་ཆུ་རྫོང་མཁར་དུ་རང་ལུས་མེར་སྲེག་བཏང་སྟེ། “བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས། ང་ཚོ་གང་དུ་སོང་ཡང་རང་དབང་མི་འདུག”ཅེས་སྐད་འབོད་བྱས་ཏེ་རང་སྲོག་བློས་གཏོང་བྱས། སྐུ་ཕུང་ཉེན་རྟོག་པས་འཕྲོག་ཡོད་ཀྱང་རྗེས་སུ་ཁྱིམ་མི་ལ་སྤྲད་འདུག

Read More

ཡར་རྒྱས།

མདོ་སྨད་རྔ་བ་མཛོད་དགེ་རུ་སྐྱེས། རྔ་བ་ཁུལ་མི་རིགས་མཐོ་འབྲིང་དུ་སློབ་གཉེར་བྱས། <<གནམ་ལྕགས་ཚགས་པར་>>རྩོམ་སྒྲིག་པ་དང་དམངས་ཁྲོད་ཚགས་པར་<<སྐྱ་རེངས་ཚགས་པར་>>རྩོམ་སྒྲིག་པ་དང་རྩོམ་པ་པོ།

Read More

སོ་རུ།

མདོ་སྨད་རྔ་བ་མཛོད་དགེ་རྫོང་དུ་སྐྱེས། རྔ་བ་ཁུལ་མི་རིགས་མཐོ་འབྲིང་ནས་སློབ་གཉེར་བྱས། དམངས་ཁྲོད་ཚགས་པར་ <<སྐྱ་རེངས་ཚགས་པར>>རྩོམ་སྒྲིག་པ་དང་རྩོམ་པ་པོ། ༢༠༡༠ལོའི་ཟླ་༣ཚེས༡༧ཉིན་འཛིན་བཟུང་བྱས། ཁོས་༢༠༠༨ལོའི་ཟླ་༣ཚེས་༡༦ཉིན་གྱི་རྔ་བ་མི་མང་གི་ངོ་རྒོལ་ཐད་ཀྱི་རྩོམ་ཡིག་ཚགས་པར་སྟེང་དུ་སྤེལ་བའི་རྐྱེན་གྱིས་ལོ་གཉིས་རིང་ཁྲིམས་ཆད་བཙོན་འཇུག་བྱས་འདུག

Read More

འཇིགས་མེད་ལྷུན་གྲུབ།

ཁམས་གོ་འཇོ་ནས་སྐྱེས། ཀརྨ་བསམ་གྲུབ་དང་རིན་ཆེན་བསམ་གྲུབ་གཉིས་ཀྱི་ནུ་བོ། ཕུ་ནུ་ཚོས་ཁམས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་ལས་དོན་རྒྱ་ཆེར་སྤེལ་ཏེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་བཟང་པོ་བཞག་ཡོད།

Read More

རིན་ཆེན་བསམ་གྲུབ།

ཁམས་གོ་འཇོ་རུ་སྐྱེས། ཁོང་ཀརྨ་བསམ་གྲུབ་ཀྱི་ཕུ་བོ་ཡིན། མིང་གྲགས་ཅན་གྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་པ་དང་དམངས་ཁྲོད་སྒྱུ་རྩལ་པ་ཡིན། ཁོང་དང་ནུ་བོ་འཇིགས་མེད་ལྷུན་གྲུབ་བཅས་ཀྱིས་ཕ་ཡུལ་ཁམས་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་དུས་ཁོར་ཡུག་གཏོར་བཅོམ་གྱི་བྱ་འགུལ་དང་འཕྲད་དེ་དོན་རྐྱེན་བྱུང།

Read More

ཀརྨ་བསམ་གྲུབ།

༡༩༦༨ལོར་ཆབ་མདོ་གོ་འཇོ་རུ་སྐྱེས། བོད་ཀྱི་མིང་གྲགས་ཅན་གྱི་ཚོང་བ་དང་ཁོར་ཡུག་སྲུང་སྐྱོབ་པ། བྱམས་རྩེ་ཅན་བཅས་ཡིན། དམངས་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཐོག་མ་“གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་”རྩ་འཛུགས་གནང།

Read More

བཀྲ་ཤིས་དོན་གྲུབ།

མདོ་སྨད་མཚོ་སྔོན་སོག་རྫོང་ནས་སྐྱེས། རང་ལོ་༣༤ཡིན། སོག་རྫོང་སོག་རིགས་རང་སྐྱོང་རྫོང་སྒྱུ་རྩལ་ཚོགས་པའི་གཞས་པ། ༢༠༠༨ལོར། ཆེད་བསྒྲིགས་གླུ་གཞས་<<༡༩༥༨_༢༠༠༨ལོའི་འཇིགས་སྐྲག>>ཅེས་པ་འགྲེམ་སྤེལ་བྱས་ཏེ་མང་ཚོགས་ཁྲོད་དང་དྲ་རྒྱ་ཁག་ཏུ་ཁྱབ་བསྒྲགས་བྱས་པས་མི་མང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ༢༠༠༩ལོའི་ཟླ ༡༡པར། ཆེད་བསྒྲིགས་བརྙན་ཕབ་ <<རྨ་ཁ་མེད་པའི་གཅར་རྡུང་>>ཞེས་པ་ཟི་ལང་ནས་བརྙན་ལེན་བྱས། དེར་གཞས་སྣ་བཅུ་གསུམ་ཡོད་ལ། བརྗོད་བྱ་ནི་གོང་ས་ཏཱ་ལའི་བླ་མ་དྲན་གདུང་དང་བོད་ཁུལ་དུ་ཆོས་དད་རང་དབང་མེད་པའི་སེམས་ཚོར། ད་དུང་༢༠༠༨ལོའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་གདུང་སེམས་བཅས་བརྗོད་ཡོད་པས། ༢༠༠༩ལོའི་ཟླ་༡༢ཚེས་༣ཉིན་འཛིན་བཟུང་བྱས་འདུག ཉེས་རྡུང་མནར་གཅོད་ཚད་མེད་མྱངས་ཏེ་ཟླ་བཅོ་ལྔའི་རྗེས་སུ་གློད་བཀྲོལ་ཐོབ།

Read More

རྡོ་རྗེ་ཚེ་བྷེ།

མདོ་སྨད་མཚོ་སྔོན་འབའ་རྫོང་གི་གཞས་པ། འབའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འགན་འཛིན་ཡིན། མཚོ་སྔོན་རླུང་འཕྲིན་ཁང་གིས་གོ་སྒྲིག་བྱས་པའི་དགོང་ཚོགས་ལ་ཐེངས་མང་པོར་མཉམ་ཞུགས་བྱས། ༢༠༡༢ལོའི་ཟླ༣ཚེས་༩དགོང་མོ་བཟའ་མི་ཚང་མ་བཀག་སྐྱིལ་བྱས། ཚེས ༢༠ཉིན་ཁོ་ལ་དངོས་སུ་འཛིན་བཟུང་བྱས། ཉེན་རྟོག་ཕྱོགས་ནས་ཁོང་ལ་ཟླ་༣པའི་ནང་ས་གནས་ངོ་རྒོལ་ལ་ངན་སྐུལ་བྱས་པར་ཉེས་འཛུགས་བྱས། མིག་སྔའི་གནས་སྟངས་ཤེས་རྟོགས་མ་བྱུང།

Read More

སོག་ཕྲུག་ཤེས་རབ།

མདོ་སྨད་མཚོ་སྔོན་སོག་རྫོང་གི་སྒྱུ་རྩལ་པ། ༢༠༡༢ལོའི་ཟླ་༩ཚེས་༢༠ཉིན་འཛིན་བཟུང་བྱས། བོད་ཀྱི་དངོས་ཡོད་འཚོ་བ་མཚོན་པའི་གར་ཆུང་འཁྲབ་སྟོན་དང་མི་རིགས་ཀྱི་ལ་རྒྱ་མཚོན་གླུ་གཞས་བླངས་པའི་རྐྱེན་གྱིས་བཀག་སྐྱིལ་བྱས། མིག་སྔའི་གནས་སྟངས་ཤེས་རྟོགས་མ་བྱུང།

Read More

མཆོག་གསལ།

ཁམས་ནག་ཆུ་འབྲི་རུ་རྫོང་གི་གཞས་པ། ༢༠༡༢ལོའི་ཟླ་༧པར། གླུ་གཞས་ཆེད་བསྒྲིགས་<<བོད་མིའི་རྨི་ལམ>>དང་<<<སྤུན་ཟླའི་འོས་འགན>> <<སྤུན་ཟླ་མཛའ་བརྩེ>> <<བོད་ཀྱི་བུ>>འགྲེམ་སྤེལ་བྱས་ཏེ། གོང་ས་ཏཱ་ལའི་བླ་མའི་སྐུ་ཚེ་བརྟན་པའི་སྨོན་ལམ་དང། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་དགོས་པའི་རེ་འབོད། དེ་བཞིན་བོད་ཀྱི་ན་གཞོན་མཐུན་སྒྲིལ་དང་རིག་གནས་ཤེས་བྱ་བཅས་ཀྱི་ཆེད་དུ་འབོད་སྐུལ་པའི་རྐྱེན་གྱིས་འཛིན་བཟུང་བྱས་འདུག མིག་སྔའི་གནས་སྟངས་ཤེས་རྟོགས་མ་བྱུང།