རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་རྡ་སར་ཕེབས་པ།

རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་རྡ་སར་ཕེབས་པ།


རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་དང་། འདི་ནི་རྒྱལ་སྤྱིའི་ཐོག་ཏུ་སྙན་གྲགས་ཡོད་པ་དང་ཆེས་རྙིང་ཤོས་ཡིན་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་མ་ཟད།

ཐེངས་འདིར་ཕྱི་ཟླ་༤་པའི ཚེས་༢༩་ནས་བཞུགས་སྒར་དུ་ཉིན་ཤས་རིང་བཞུགས་པའི་སྐབས་སུ་༧གོང་ས་མཆོག་ལ་མཇལ་བཅར་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བོད་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ལ་ཐུག་འཕྲད་གནང་ཡོད་ཅིང་། དེ་རིང་གསར་འགོད་ལྷན་ཚོགས་ཐོག་ཏུ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད། མ་འོངས་པར་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་བཙོན་འོག་ཏུ་ཡོད་པའི་བོད་ནང་གི་རྩོམ་པ་པོ་རྣམས་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།།

 

 

 

 

Leave a Reply