འཇིགས་མེད། (མིང་གཞན་ལ་མགར་རྩེ་འཇིགས་མེད)

༡༩༧༦ ལོར་མདོ་སྨད་རེབ་གོང་མགར་རྩེ་རུ་སྐྱེས་ཤིང་ཆུང་དུས་ནས་མགར་རྩེ་དགོན་པར་གྲྭ་བ་བྱས། ༡༩༩༩ལོ་ནས་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་དུས་དེབ་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་མྱོང།
༢༠༡༣ལོའི་ཟླ་༡ཚེས་༡ཉིན་དགོན་པར་འཛིན་བཟུང་བྱས་ཤིང་ཉེན་རྟོག་པས་ཁོང་གི་གློག་ཀླད་སོགས་གཞུང་བཞེས་བཏང་འདུག ཁོང་གིས་༢༠༠༨ལོར་ <<བཙན་པོའི་སྙིང་སྟོབས་>>ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་འདུག་ལ། ༢༠༡༡ལོའི་ཟླ་༤བར་སྲིད་གཞུང་ནས་ཁོང་གི་རྩོམ་དེབ་དེར་ཆབ་སྲིད་ངན་སྐུལ་གྱི་ནང་དོན་ཡོད་པའི་ངོས་འཛིན་འོག་བཀག་སྐྱིལ་འདྲི་གཅོད་བྱས།

༢༠༡༢ ལོའི་ལོ་མཇུག་ཏུ། འཇིགས་མེད་ཀྱིས་<<བཙན་པོའི་སྙིང་སྟོབས་>>དེབ་ཕྲེང་གཉིས་པ་པར་བསྐྲུན་བྱས། དེབ་དེར་ཚན་པ་༢༥དབྱེ་ཡོད་ལ། བརྗོད་བྱའང་གོང་ས་ཏཱ་ལའི་བླ་མ་དང། བོད་མི་མེར་སྲེག བཙན་བྱོལ་བོད་གཞུང། པཎ་ཆེན་རིན་པོ་ཆེ་གཙོ་བྱས་པའི་བླ་ཆེན་རྣམས། ཞི་བའི་ངོ་རྒོལ། བོད་ཀྱི་ཁོར་ཡུག མི་རིགས་གཞན་དང་པེ་ཅིན་གྱི་འབྲེལ་བ། གཞན་ཡང་བོད་མི་རིགས་ཀྱི་ལས་དབང་སོགས་བརྗོད་སྙིང་དུ་བཟུང་ཡོད་པས་གཞུང་ཕྱོགས་ནས་བཀག་སྐྱིལ་བྱས་ཡོད་འདུག

མིག་སྔའི་གནས་ཚུལ་ཤེས་རྟོགས་མ་བྱུང།

Leave a Reply