འཇིགས་མེད་རྒྱ་མཚོ། (མིང་གཞན་མགོ་ལོག་འཇིགས་མེད )

སི་ཁྲོན་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་སྐྱེས། ཀན་སུའུ་བསང་ཆུ་རྫོང་བླ་བྲང་དགོན་པའི་གྲྭ་བ། རང་ལོ་༤༤ཡིན།

ཁོང་གིས་དོན་གྲུབ་དབང་ཆེན་དང་མཉམ་དུ་<<འཇིགས་བྲལ་>>ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པའི་རྐྱེན་གྱིས་༢༠༠༨དང་༢༠༠༩ལོར་ཐེངས་གཉིས་བཙོན་འཇུག་བྱས། འདི་ནི་བོད་ཁུལ་གྱི་དངོས་ཡོད་འཚོ་བ་རྒྱུས་ལོན་ར་སྤྲོད་བྱས་པའི་བརྙན་ཕབ་ཐོག་མ་ཡིན་ལ། བརྙན་ཕབ་ཁྲོད་མགོ་ལོག་འཇིགས་མེད་ཀྱི་ཕ་རྒན་གྱིས་གོང་ས་ཏཱ་ལའི་བླ་མར་བཅངས་པའི་དྲན་གདུང་དང་དད་སེམས་གསལ་བོར་བརྗོད་ཡོད། “རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏོར་བཤིག་བཏང་བའི”ཉེས་མིང་འོག་དོན་གྲུབ་དབང་ཆེན་ལ་ལོ་དྲུག་གི་ཁྲིམས་ཆད་བཅད་པའི་རྐྱེན་གྱིས་མགོ་ལོག་འཇིགས་མེད་ལའང་ཉེས་པ་ཕོག

༢༠༡༢ལོའི་ཟླ་༩པར། མགོ་ལོག་འཇིགས་མེད་བསང་ཆུ་རྫོང་དུ་གར་སོང་ཆ་མེད་དུ་གྱུར། བོད་མི་ཚོས་ཁོང་ཉེན་རྟོག་པས་གསང་བའི་བཀག་སྐྱིལ་བྱས་པར་ངོས་འཛིན་བྱས་ཡོད། འོན། ༢༠༡༢ལོའི་ཟླ་༡༡ཚེས ༢༨ཉིན། ཀན་སུའུ་ཞིང་ཆེན་སྤྱི་བདེ་ཁང་ནས་བཀའ་རྒྱ་བཏང་སྟེ། མགོ་ལོག་འཇིགས་མེད་ལ་མི་བསད་ཉེས་ཅན་དོགས་གཞི་ཡོད་པར་ཁྱབ་བསྒྲགས་བྱས་པ་མ་ཟད། ཁོ་གང་དུ་ཡོད་མེད་ཤེས་མཁན་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་ཡོད་པར་དྲིལ་བསྒྲགས་བྱས། རྗེས་སུ་མགོ་ལོག་འཇིགས་མེད་ཀྱི་ཤི་གསོན་དང་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་བྱུང།

Leave a Reply