བཀྲ་ཤིས་དཔལ་ལྡན།

བཀྲ་ཤིས་དཔལ་ལྡན་ལགས་ནི་སྤྱི་ལོ་༡༩༦༢ལོར་བོད་ལྗོངས་གཙང་ཁུལ་རིན་སྤུངས་རྫོང་རམ་ པ་ཞེས་པའི་ལུང་ཆུང་ཞིག་ཏུ་སྐྱེས། རང་ལོ་༡༣ལ་སོན་སྐབས་རྫོང་སློབ་འབྲིང་དུ་སོང་བ་དང་ལོ་གཉིས་ལས་མ་སོང་བར་སློབ་ གྲྭ་ནས་ཕྱིར་འཐེན་གྱིས་དམངས་སྒྲུབ་དགེ་རྒན་ལོ་བརྒྱད་བྱས། ༡༩༨༤ལོར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལས་ཀ་བྱེད་པར་སླེབས། ༡༩༨༢་ལོ་ནས་རྩོམ་རིག་བརྩམས་ཆོས་འབྲི་འགོ་བརྩམས་པ་དང་སྒྲུང་གཏམ་གཙོས་འབོལ་ རྩོམ་དང་སྙན་རྩོམ། དངོས་འབྲིའི་རྩོམ་རིག རྩོམ་རིག་དཔྱད་རྩོམ་དཔྱད་བརྗོད་སོགས་མང་པོ་ཞིག་བོད་ཡིག་དུས་དེབ་དང་ཚགས་པར་ ཐོག་སྤེལ། སྒྲུང་གཏམ་རིང་གྲས《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》དང་སྒྲུང་འབྲིང་བདམས་བསྒྲིགས《རྒྱུད་སྐུད་སྟེང་གི་རྣམ་ཤེས》སྒྲུང་ཐུང་བདམས་བསྒྲིགས་《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པོ་ཡོང་ངེས》བཅས་ དཔེ་སྐྲུན་བྱས། བོད་ཀྱི་སྐབས་གཉིས་པའི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་དང་ཞིང་ ལྗོངས་ལྔའི་བོད་རིགས་རྩོམ་རིག་གསར་རྩོམ་བྱ་དགའ། ཀྲོང་ཀྲུང་ཝུན་རྩོམ་རིག་གསར་རྩོམ་བྱ་དགའ། རྒྱལ་ཡོངས་ཀྱི་རང་སྦྱོང་བྱས་ནས་ཤེས་ལྡན་པར་གྱུར་པའི་ལས་བཟོ་བའི་བྱ་དགའ་ སོགས་མང་ཙམ་ཐོབ་མྱོང་། ད་ལྟ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་མི་ཡིན་པ་དང་རྩོམ་ཁག་གཅིག་སློབ་གྲྭ་ ཆེ་འབྲིང་གི་སློབ་གཞིའི་ནང་བདམས་ཡོད།

Leave a Reply