པདྨ་རིན་ཆེན། (སྨྱུག་མིང་ལ་རྡོ་ལྷ)

སི་ཁྲོན་དཀར་མཛེས་བྲག་མགོ་རྫོང་དུ་སྐྱེས། རང་ལོ་༢༥སྟེང་འཛིན་བཟུང་བྱས། ༢༠༡༡ལོའི་ཟླ་༧ཚེས་༥ཉིན། བྲག་མགོ་རྫོང་ཉེན་རྟོག་པས་འཇུ་བཟུང་བྱས་ཤིང་ཕལ་ཆེར་དུག་ཕོག་པའི་དབང་གིས་ཉིན་གཉིས་པར་བྲག་མགོ་རྫོང་སྨན་ཁང་ནས་མྱུར་སྐྱོབ་བྱས་འདུག

པདྨ་རིན་ཆེན་ཆུང་དུས་རབ་ཏུ་བྱུང་མྱོང་ལ་རྗེས་སུ་རང་ཁྱིམ་དུ་གསར་རྩོམ་གྱི་ལས་ལ་ཞུགས་ཡོད། ༢༠༡༡ལོར། སྒེར་གྱི་སྙན་དེབ་<<ལྟ>>ཞེས་པ་པར་བསྐྲུན་བྱས། དེའི་བརྗོད་བྱ་གཙོ་བོ་ནི་རྒྱ་ནག་གིས་བོད་ཁུལ་ལ་སྤེལ་བའི་སྲིད་ཇུས་ལ་བསམ་གཞིགས་དང་དབྱེ་ཞིབ་བྱས་ཡོད་ལ། གཞན་ཡང་༢༠༠༨ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྐབས་སུ་བོད་མི་ལ་དྲག་གནོན་པའི་གནས་ཚུལ་དང་ཡུལ་ཤུལ་ས་ཡོམ་སྐབས་ཀྱི་རྩོམ་ཡིག་བཅས་རེད། གཞན་ད་དུང་པདྨ་རིན་ཆེན་གྱིས་༢༠༠༨ལོའི་ངོ་རྒོལ་ཁྲོད་ཁྲིམས་གཅོད་དྲག་པོ་མྱངས་པའི་བོད་མི་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་འདུག

ཟླ་༧ཚེས༦ཉིན། བྲག་མགོ་རྫོང་ཉེན་རྟོག་ཁང་གིས་པདྨ་རིན་ཆེན་གྱི་ཁྱིམ་ལ་བཀག་སྐྱིལ་བརྡ་སྦྱོར་བཏང་བའི་ནང་དུ་པདྨ་རིན་ཆེན་ལ་ “མི་རིགས་ཞེ་འཁོན་གྱི་ངན་སྐུལ་བྱས་པའི་དོགས་གཞི་ཡོད་པས་”ད་ལྟ་ “བྲག་མགོ་རྫོང་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་”པའི་སྐོར་བཀོད་འདུག མིག་སྔའི་གནས་ཚུལ་ཤེས་རྟོགས་མི་འདུག

Leave a Reply