གངས་སྐྱེས་གྲགས་པ་སྐྱབས། (སྨྱུག་མིང་ལ་གངས་མེ་སྟག)

ཁམས་གསེར་རྟ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཕ་མིང་ལ་ཐུབ་བསྟན་ཉི་མ་དང་མ་མིང་ལ་དབང་གྲགས་སྒྲོལ་མ། གཅེན་གཅུང་དགུའི་ཁྲོད་ཀྱི་ལྔ་བ་ཡིན་ལ། ཁོང་གི་ཆུང་མའི་མིང་ལ་དབང་ཕྱུག་ལྷ་མོ་ཟེར་ཞིང་ལོ་བརྒྱད་ཅན་གྱི་བུ་མོ་ཞིག་དང་ལོ་ལྔ་ཅན་གྱི་བུ་ཞིག་ཡོད།

ཁོང་དཀར་མཛེས་དགེ་འོས་སློབ་ཆེན་མཐར་ཕྱིན་རྗེས་གསེར་རྟ་སོགས་ནས་ལོ་བཅུའི་རིང་དགེ་རྒན་གྱི་བྱ་བ་གཉེར། ཁོང་གིས་སྒྲུང་རྩོམ་དང་སྙན་ངག དཔྱད་བརྗོད་སོགས་སྤེལ་མྱོང་ལ། ཆེད་རྩོམ་དེབ་<<ལས་དབང་གི་འབོད་པ>>དང་<<དུས་རབས་ཀྱི་རྨ་ཁ་>> <<དེ་རིང་མིག་ཆུ་བཞུར>> <<ལོ་ཟླའི་ཁ་དོག་འགྱུར་>>ཞེས་པ་སོགས་བརྩམས་ཡོད་ལ། <<ཁ་བཏགས་>>ཚགས་པར་གྱི་རྩོམ་སྒྲིག་པ་ཡིན། ཉེ་སྔོན་ཆེད་དེབ་གཉིས་གསུམ་ཞིག་བརྩམས་ཚར་ཡོད་འདུག

༢༠༡༢ལོའི་ཟླ༢ཚེས་༡༥དགོང་མོ། ཉེན་རྟོག་པ་ཉི་ཤུ་ལྷག་གིས་རང་ཁྱིམ་ནས་འཛིན་བཟུང་བྱས་འདུག ཁོང་གི་ཆུང་མས་གནས་ཚུལ་ཅི་ཡིན་གསལ་བཤད་བྱེད་པར་རེ་སྐུལ་བྱས་ཀྱང། ཉེན་རྟོག་པས་གསལ་བཤད་ཅི་ཡང་བྱས་མེད་ལ་ “ང་ཚོར་ཁོ་ལ་སྐད་ཆ་ཞིག་ཡོད་”ཟེར་བཞིན་འཇུ་བཟུང་བྱས་འདུག

རྗེས་སུ་གནས་ཚུལ་གོ་ཐོས་བྱུང་བ་ལྟར་ན། ཁོང་ལ་གསང་བའི་འདྲི་གཅོད་བྱས་ཏེ་ཕལ་ཆེར་ལོ་བདུན་གྱི་དུས་བཅད་བཙོན་འཇུག་བྱས་འདུག

Leave a Reply