རིན་ཆེན་བསམ་གྲུབ།

ཁམས་གོ་འཇོ་རུ་སྐྱེས། ཁོང་ཀརྨ་བསམ་གྲུབ་ཀྱི་ཕུ་བོ་ཡིན། མིང་གྲགས་ཅན་གྱི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་པ་དང་དམངས་ཁྲོད་སྒྱུ་རྩལ་པ་ཡིན། ཁོང་དང་ནུ་བོ་འཇིགས་མེད་ལྷུན་གྲུབ་བཅས་ཀྱིས་ཕ་ཡུལ་ཁམས་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་བཙུགས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱེད་དུས་ཁོར་ཡུག་གཏོར་བཅོམ་གྱི་བྱ་འགུལ་དང་འཕྲད་དེ་དོན་རྐྱེན་བྱུང།

༢༠༠༨ལོའི་ཟླ་༨པར་འཛིན་བྱུང་བྱས། རིན་ཆེན་བསམ་གྲུབ་ཀྱིས་དྲ་རྒྱའི་སྟེང་དུ་གོང་ས་ཏཱ་ལའི་བླ་མར་ཞི་བདེ་རྟགས་མ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་པའི་རྐྱེན་གྱིས་ “རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག་”ལོ་ལྔ་ལ་ཁྲིམས་ཆད་བཙོན་འཇུག་བྱས་འདུག

Leave a Reply