འབྲུག་ལྷ་རྒྱལ་ལམ་འབྲོང།

འབྲུག་ལྷ་རྒྱལ་ལམ་འབྲོང་ལགས་ནི ། ༡༩༦༤ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཅང་ ཤེས་ཁུག་ཡུལ་ཚོ་རུ་སྐྱེས། ༡༩༨༦ལོར་སློབ་མཐར་ཕྱིན་རྗེས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ སུ་ལས་བགོས་བྱས་ཏེ། ད་ལྟའི་བར་ལེ་ཚན་མདོ་འཛིན་པ་དང་གསར་འགོད་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་གཅིག་ལྕོགས་སུ་གཉེར།

བརྩམས་ཆོས་ལ། སྔ་རྗེས་སུ། སྦྲང་ཆར་དང་། མཚོ་སྔོན་མང་ཚོགས་སྒྱུ་རྩལ། གངས་རྒྱན་མེ་ཏོག ཟླ་ཟེར་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དུ་ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད་ཅེས་པ་དང་། ལྷ་ས། ལྷ་ས། ལྷ་ས་ཞེས་པ། ཆེ་ཆུང་། མཚོ་སྔོན་པོ། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན། དབྱངས་ཅན་མ། རྩྭ་ཐང་གི་དབྱངས། ས་ཆེན་གྱི་གཡོ་སྐྱོམས་ཁྲོད་སྐྱོད་པའི་གཟན་ཤམ་དམར་པོ། རྨི་ལམ་གྱི་བུ་མོ། ངའི་ན་ཟུག་གི་ཕུང་བོ་ཁྱོད་ཚོ། ཁ་བའི་ཁྲོད་བཏང་བའི་གཅིན་པ། སྐྱོབ་ཐབས་མེད་པའི་མི་དེ། དགུན་ཁར་ཉན་པ་ཞེས་པ་སོགས་སྙན་ངག་བརྒྱ་ལྷག་སྤེལ་མྱོང་ལ། གླུ་ཚིག་ལ་སེམས་ཀྱི་ལོག་ཕེབས་དང་། ང་ཡི་ཁྲི་ཤོར་རྒྱལ་མོ། ཕྱིར་མི་ལྡོག་པའི་དམ་ཚིག ཨ་ཅེ་སྣང་ས། ཧི་མ་ལ་ཡ། བླ་སྲོག་གི་སྒྲོན་མེ། རུས་རྐང་གི་འབོད་པ་སོགས་ཉིས་བརྒྱ་ལྷག་ཡོད་པ་བོད་ཁམས་ཀྱི་གླུ་བ་གླུ་མ་གང་ མང་གིས་བླངས་ནས་བརྙན་འཁོར་སོགས་སུ་ཕབས་ཡོད།

Leave a Reply