ཁ་བ་ལྷ་མོ། དངོས་མིང་མེ་ཏོག་སྐྱིད།

མཚོ་སྔོན་པོ་བོང་སྟག་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན་རྗེས་ཕ་ཡུལ་གྱི་རྫོང་མི་ རིགས་སློབ་འབྲིང་ནས་དགེ་རྒན་གྱི་ལས་ཀ་གཉེར། སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་ཞིབ་འཇུག་གི་ སློབ་སྦྱོང་མཐར་ཕྱིན་རྗེས་མུ་མཐུད་དུ་ཕ་ཡུལ་ལ་ལོག་ནས་དགེ་རྒན་གྱི་ལས་ཀ་ལས་ བཞིན་ཡོད།

དགའ་སྡུག་གི་འཚོ་བའི་བར་གླགས་ནས་སྙན་ངག་ལྟ་བུ་རེ་སྒྲུག་རྒྱུ་རྒུམ་རྒྱུར་ཤིན་ཏུ་དགའ། སྤྱི་ལོ་ཉིས་སྟོང་དགུ་ལོར་སྙན་ངག༼གངས་དཀར་པོ་དང་མ་སྲུ་མོ༽ཞེས་པར༼གངས་རིའི་ བུ་མོ༽འི་རྩོམ་རིག་བྱ་དགའ་ཐོབ། ཉིས་སྟོང་བཅུ་བཞི་ལོར༼ཁ་བའི་རྣ་ཆ༽ཞེས་པའི་སྙན་དེབ་ཆུང་ཆུང་ཞིག་པར་སྐྲུན་ བྱས། ད་ལོ་སྟེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་བར་སྙན་ངག་ཐུང་ངུ༼ ཆར་བ་ཤག་ཤག་འབབ་དོན༽ཞེས་པར་བོད་ཀྱི་སྙན་ངག་དུས་དེབ༼གངས་རྒྱན་མེ་ཏོག༽ གི་རྩོམ་རིག་བྱ་དགའ་ཐོབ།