ཀརྨ་བསམ་གྲུབ།

༡༩༦༨ལོར་ཆབ་མདོ་གོ་འཇོ་རུ་སྐྱེས། བོད་ཀྱི་མིང་གྲགས་ཅན་གྱི་ཚོང་བ་དང་ཁོར་ཡུག་སྲུང་སྐྱོབ་པ། བྱམས་རྩེ་ཅན་བཅས་ཡིན། དམངས་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཐོག་མ་“གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པ་”རྩ་འཛུགས་གནང།

༢༠༡༠ལོའི་ཟླ་༡ཚེས་༣ཉིན་འཛིན་བཟུང་བྱས། ༢༠༡༠ལོའི་ཟླ་༦ཚེས་༢༤ཉིན་ལོ་བཅོ་ལྔའི་དུས་བཅད་བཙོན་འཇུག་བྱས། གོ་ཐོས་ལ་ཡུ་གུར་འ་ཁུ་སོ་ས་ཁུལ་གྱི་བཙོན་ཁང་དུ་ཡོད་འདུག ཁོང་གི་ཉེས་པ་ནི་གཞུང་འཛིན་པ་གོང་འོག་གི་གནོན་ཤུགས་འོག་ཁྲིམས་རྩོད་པས་ཉེས་མེད་ཉེས་འགལ་བྱས་པ་ཞིག་ཡིན་འདུག

དོན་དངོས་སུ་ཀརྨ་བསམ་གྲུབ་ཀྱི་ཕུ་བོ་ཁོར་ཡུག་སྲུང་སྐྱོབ་པ་རིན་ཆེན་བསམ་གྲུབ། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་”འགན་འཛིན་ནུ་བོ་འཆི་མེད་ལྷུན་གྲུབ་སོགས་ཀྱང་༢༠༠༩ལོའི་ཟླ་༨པར་ཆབ་མདོ་ནས་གཞུང་འཛིན་པས་གནོན་ཤུགས་སྤྲད་ཡོད་འདུག