འཇང་རྩེ་དོན་ཁོ། སྨྱུག་མིང་། གཉན།

༡༩༧༨ལོར་མདོ་སྨད་ཁྱུང་མཆུ་རྫོང་དུ་སྐྱེས། སི་ཁྲོན་རྔ་བ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་བྱེད་པ། ཡུམ་སྐད་རྩོམ་པ་པོ་དང་སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ། བོད་ནང་དུ་རྩོམ་རིག་བྱ་དགའ་མང་པོ་ཐོབ་མྱོང། བརྩམས་ཆོས་<<རོ་ལངས>>པར་བསྐྲུན་བྱས་ཡོད།

༢༠༡༠ལོའི་ཟླ་༦ཚེས་༢༡ཉིན། “རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་བཏགས”ཏེ་རྔ་བ་ཁུལ་ཉེན་རྟོག་པས་རང་ཁྱིམ་ནས་འཛིན་བཟུང་བྱས། ༢༠༡༠ལོའི་ཟླ་༧ཚེས་༢༦ཉིན། རྔ་བ་ཁུལ་མི་དམངས་ཞིབ་དཔྱོན་ཁང་གིས་ཆོག་མཆན་གནང་སྟེ་རྔ་བ་ཁུལ་ཉེན་རྟོག་ཁང་ནས་འདྲི་གཅོད་བཀག་ཉར་བྱས།

༢༠༠༨ལོའི་བོད་མིའི་ཞི་བའི་ངོ་རྒོལ་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་<<ཤར་དུང་རི>>འི་སྟེང་དུ་སྤེལ་བའི་ཉེས་མིང་འོག ༢༠༡༠ལོའི་ཟླ་༡༢ཚེས༣༠ ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་ནས་ལོ་བཞིའི་དུས་བཅད་བཙོན་འཇུག་བྱས་འདུག

Leave a Reply